གཙོ་ངོས། / འཛིན་སྐྱོང་ལྷན་ཚོགས།

འཛིན་སྐྱོང་ལྷན་ཚོགས།

༧བསྟན་བདག་རྒྱལ་བ་མདོ་ཁམས་པ།

ཁམས་སྤྲུལ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག

སློབ་སྟོན་པ།
མཁན་པོ་བློ་གསལ་བཟང་པོ།
སྤྱི་ལོ་ ༢༠༠༥ བར་བཤད་གྲྭ་ལ་སྔ་ཕྱི་ལོ་མང་རིང་སློབ་ཁྲིད་དང་གཟིགས་རྟོག་གནང་།
༢༠༠༦ ལོ་ནས་རྒྱུན་ལྡན་གྱི་འགྲོ་གྲོན་ཆེད་ཕྱི་ལོགས་སུ་ཕེབས།
༢༠༡༥ ནས་ ༢༠༢༠ བར་སློབ་གླིང་གསར་བཞེང་གི་ཕྱག་ལས་དང་། སློབ་གླིང་གསར་པའི་ལྕགས་རིའི་ཆེད་དཔལ་འབྱོར་འདུ་འགོད་གནང་བཞིན་ཡོད།
སློབ་སྟོན་པ།
མཁན་པོ་ཆོས་དབྱིངས་ལྷུན་འགྲུབ།
སྤྱི་ལོ་ ༡༩༩༦ ནས་༢༠༠༤ བར་ཁམས་སྒར་བཤད་གྲྭ་དང་།  གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་། ལྷ་ལྡན་འབྲས་སྤུངས་བཅས་སུ་སློབ་གཉེར་མཛད།
༢༠༠༤ ལོར་བཤད་གྲྭར་ཕེབས་ཏེ་སློབ་ཁྲིད་གནང་།
༢༠༠༥ ལོར་མཁན་ཁྲིར་མངའ་གསོལ་མཛད་དེ།༢༠༡༩ བར་ཤེས་ཡོན་དང་སྒྲིག་གཞི་བཅས་ཀྱི་གཙོ་འགན་བཞེས།
༢༠༢༠ ལོར་དཔེ་ཁྲིད་མཛད།
༢༠༢༢ ལོར་བལ་ཡུལ་ལ་ཕྱིར་གངས་རར་བསྙེན་མཚམས་ལ་ཕེབས།
༢༠༢༣ ལོར་ཐེ་ཝེན་ཀུན་མཁྱེན་ཡེ་ཤེས་ཆོས་ཚོགས་སུ་ཆོས་ཀྱི་མཛད་རིམ་སྐྱོང་བཞིན་ཡོད།

ཚོགས་གཙོ།

མཁན་པོ་བྱམས་པ་ཡོན་ཏན།
སྤྱི་ལོ་ ༡༩༩༧ ནས་ ༢༠༠༤ བར་ཁམས་སྒར་བཤད་གྲྭ་དང་།  གསེར་ཐང་བླ་རུང་ལྔ་རིག་དང་བསྟན་སློབ་གླིང་། འཕགས་ཡུལ་སེར་བྱེས་གྲྭ་ཚང་བཅས་སུ་སློབ་གཉེར་མཛད།
༢༠༠༤ ལོར་བཤད་གྲྭར་ཕེབས། དེ་ནས་༢༠༡༢ བར་སློབ་ཁྲིད་དང་ཡིག་ཚང་གི་རྒྱུན་ལས་གཅིག་ལྕོགས་གནང་།
༢༠༠༩ ལོར་མཁན་ཁྲིར་མངའ་གསོལ་ཞུས།
༢༠༡༢ ལོ་ནས་༢༠༡༩ བར་ཡིག་ཚང་དང་སློབ་གླིང་གསར་བཞེངས་བཅས་ཀྱི་གཙོ་འགན་བཞེས།
༢༠༢༠ ལོ་ནས་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཏེ་ཐུགས་འགན་བཞེས་མུས་ཡིན།
 

ཚོགས་གཞོན།

སློབ་དཔོན་སངས་རྒྱས་བསྟན་འཛིན།

སྤྱི་ལོ་ ༢༠༠༩ ལོར་སློབ་ཞུགས་གནང་།
༢༠༡༨ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
སྤྱི་ལོ་༢༠༡༨ ནས་བཤད་གྲྭར་དཔེ་ཁྲིད་མཛད།
༢༠༡༩ ལོ་ནས་བསླབ་པ་མཐར་ཕྱིན་ཏེ་དཔེ་ཁྲིད་གནང་།
༢༠༢༢ ལོར་འབྲུག་གསེར་ལུང་པད་དཀར་དགོན་དུ་དཔེ་ཁྲིད་རྒན་དུ་ཕེབས།
༢༠༢༤་ལོར་བཤད་གྲྭར་དཔེ་ཁྲིད་གནང་མུས་ཡིན།

དྲུང་ཆེ།

མཁན་པོ་འཇིགས་མེད་བློ་གྲོས།

སྤྱི་ལོ་༢༠༠༢ ལོར་སློབ་ཞུགས་གནང་།
༢༠༡༡ ལོར་བསླབ་པ་མཐར་ཕྱིན།
༢༠༡༢ ལོ་ནས་ས་རཱ་མཐོ་སློབ་ཏུ་བོད་ཀྱི་རིག་གནས་ཆེད་སྦྱོང་གནང་།
༢༠༡༦ ལོ་ནས་རྫོང་སར་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་ཕྱིའི་རྒྱལ་ཁབ་ཁག་ཏུ་དབྱིན་ཡིག་ཆེད་སྦྱོང་གནང་ཞོར། ༢༠༡༩ ལོ་ནས་བོད་ཡིག་དྲྭ་རྒྱ་དབྱིན་སྒྱུར་དང་དབྱིན་ཡིག་དྲྭ་རྒྱའི་དོ་དམ་པ་གནང་།

༢༠༢༢ ལོར་དྲུང་ཆེའི་ཕྱག་རོགས་གནང་ཡོད།
༢༠༢༣་ལོར་དྲུང་ཆེ་རུ་བསྐོས་ཏེ་ད་ལྟ་ཕྱག་ལས་གནང་བཞིན་ཡོད།

དངུལ་གཉེར།
སློབ་ཐོན་པ་རིན་ཆེན་ཕུན་ཚོགས།

སྤྱི་ལོར་ ༢༠༠༦ ལོར་སློབ་ཞུགས་གནང་།
༢༠༡༧ ལོར་བསླབ་པ་མཐར་ཕྱིན།
༢༠༡༨ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
༢༠༡༩ ལོར་སྒྲུབ་སྡེར་སྐུ་མཚམས་སུ་བཞུགས།
༢༠༢༠ ལོ་ནས་༢༠༢༢་བར་དངུལ་གཉེར་གྱི་ཕྱག་རོགས་སུ་བསྐོས་ཏེ་ཕྱག་ལས་གནང་ཡོད།
༢༠༢༣་ལོར་དངུལ་གཉེར་ལ་བསྐོས་ཏེ་ད་ལྟ་ཕྱག་ལས་གནང་བཞིན་ཡོད།

 

རྩིས་ཞིབ་པ།

སློབ་ཐོན་པ་ཨོ་རྒྱན་རྡོ་རྗེ།

སྤྱི་ལོ་ ༢༠༠༦ ལོར་སློབ་ཞུགས་གནང་།
༢༠༡༤ ལོར་བསླབ་པ་མཐར་ཕྱིན།
༢༠༡༥ ནས་ལོ་གཉིས་རིང་གཉེར་པ་གནང་།
༢༠༡༧ ལོ་ནས་༢༠༡༩ བར་ཚོང་ཁང་དུ་ཕྱག་ལས་གནང་།
༢༠༢༠ ལོ་ནས་འཛུགས་སྐྲུན་དང་འབྲེལ་བའི་ཕྱག་ལས་གནང་།
༢༠༢༢ ལོར་ཚོང་ཁང་དོ་དམ་པའི་ཕྱག་ལས་གནང་ཡོད།
༢༠༢༣་ལོར་རྩིས་ཞིབ་པར་བསྐོས་ཏེ་ད་ལྟ་ཕྱག་ལས་གནང་བཞིན་ཡོད།

སྐབས་གསུམ་པ།
ཕྱི་ལོོ་༢༠༢༣་
སྐབས་གཉིས་པ།
ཕྱི་ལོ་༢༠༢༢ ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག། སྐབས་གཉིས་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་ལྔ་དང་། གཞན་ཡང་ཚོགས་མི་མཁན་སློབ་དགེ་ལས་གྲངས་ལྔ་བཅུ་མ་ཟིན་ཙམ་བསྐོ་བཞག་བྱས་ཡོད། ཞར་བྱུང་དུ་འབྲེལ་ཡོད་རྣམས་ལ་དེ་དག་གི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་བསྡུས་ཙམ་གླེང་ན། དེ་དག་གི་ཁྲོད་ནས་རྒྱུན་ལས་ཀྱི་དུས་ཡུན་ལོ་གསུམ་ཡིན་ལ། གཞན་དགེ་ལས་ཕལ་ཆེ་བའི་ལས་ཡུན་ལོ་གཅིག་ཡིན་པ་རེད། འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་ལྔ་ནི། ཚོགས་གཙོ། ཚོགས་གཞོན། དྲུང་ཆེ། དངུལ་གཉེར། རྩིས་ཞིབ་པ་བཅས་ཚོགས་མི་ལྔ་ལས་གྲུབ་ཡོད་ཅིང་། འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་གཙོས་པའི་ཚོགས་མི་རྣམ་པས་ལས་དོན་གཉེར་རྒྱུ་ནི། བསྟན་པའི་བདག་པོ་༧ དཔལ་རྒྱལ་བ་མདོ་ཁམས་དགུ་པ་མཆོག་གིས་བཀའ་སློབ་ལམ་སྟོན་འོག བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭ་གཉིས་ཀྱི་ཤེས་ཡོན་དང་། སྒྲིག་གཞི། དཔལ་འབྱོར། འཛུགས་སྐྲུན་སོགས་ལ་གཟིགས་རྟོག་དང་། གཞན་ཡང་གྲྭ་ཚང་གི་གཞི་རིམ་སློབ་གྲྭ་གཙོས་པའི་འབྲེལ་ཡོད་དགོན་སྡེ་དང་ཆོས་ཚོགས་ཁག་ཏུ་མཁན་སློབ་རྣམ་པ་དཔེ་ཁྲིད་དགེ་རྒན་གཏོང་རྒྱུ་བཅས་མཐོ་སློབ་འདི་ཡི་འཛིན་སྐྱོང་ལྷན་ཚོགས་ཀྱི་ལོ་རྒྱུས་རགས་བསྡུས་ཙམ་མོ།།

སྐབས་དང་པོ།

༄༅། །ཀུན་གྱིས་དགོངས་མངའ་བཞིན་༸དཔལ་རྒྱལ་བ་མདོ་ཁམས་པ་ཡབ་སྲས་རྣམས་ཀྱི་ལམ་སྟོན་དང་གཟིགས་རྟོག་འོག བཤད་གྲྭའི་མཁན་ལས་རྣམ་པའི་འབད་བརྩོན་ཐང་ལྷོད་མེད་པ་གནང་བ་སོགས་ཀྱིས་འཕགས་ཡུལ་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་འདི་ནི། ད་སྐབས་ཡར་རྒྱས་ཀྱི་རྣམ་པ་ཆེ་ཙམ་ཡོད་པས་ཕྱི་རྟེན་གཙུག་ལག་ཁང་དང་།  གྲྭ་ཤག  རུང་ཁང་།  གླིང་ཁ།  ནང་རྟེན་དགེ་འདུན་གྱི་སྡེ་དང་།  དེའི་བསླབ་པ་སློབ་གཉེར་སོགས་གང་ནས་བལྟས་ཀྱང་མི་ལ་འགྲམ་ཆུ་ལྡང་མི་དགོས་ཙམ་ཞིག་ཡོད་པ་རེད་ལ།   མ་འོངས་པར་ཡང་མུ་མཐུད་ཡར་རྒྱས་དང་རྒྱུན་གནས་དགོས་པ་ཤིན་ཏུ་གལ་ཆེ་བ་ནི་སྨོས་མ་དགོས་པ་ཞིག་རེད།  དེར་རྟེན་སྲ་བརྟན་རྒྱུན་གནས་དང་།  ཡར་རྒྱས་ཚགས་ཚུད་ཡོང་བ་ལ་འཛིན་སྐྱོང་ཚད་ལྡན་ཡོད་མེད་ལ་རག་ལས་ཡོད་སྟབས།  འཛིན་སྐྱོང་གི་སྡེ་ཚན་ཚད་ལྡན་ཞིག་དགོས་པ་ཧ་ཅང་གལ་ཆེན་ཡིན་པར་མཐོང་།  དེ་སྔ་ཡིན་ན་ལས་ཀའི་ངོ་བོ་དང་།  མིས་འདང་མིན་གྱི་གནས་སྟངས་འོག་ནས་ལོ་མང་རིང་ལ་ཕྱི་ནང་གི་སྡེ་ཚན་གཉིས་སུ་ཕྱེས་ནས་ད་བར་དུ་ཡོང་བ་རེད་ལ།  དུས་ཚོད་དེའི་རིང་ལ་ཁ་སྨ་བློ་འགྱོད་ཅི་ཡང་མ་བྱུང་བ་ནི་ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་ཀྱི་ལྷག་བསམ་དང་སེམས་ཤུགས་ལ་བརྟེན་ནས་བྱུང་བ་རེད་པས། ང་ཚོ་ཐུན་མོང་དུ་དགའ་སྤོབས་སྐྱེ་གཞི་ཡང་བྱུང་བ་རེད།  ད་ནས་སྔར་ལམ་ད་འཇགས་ཀྱིས་ཕྱིན་པ་ཡིན་ན་ངོ་བོ་གང་དུ་འགྱུར་མིན་ཆ་མི་འཚལ་སྟབས།  ཅི་དགའ་གང་དྲག་གི་ཐད་ལ་མཁན་ལས་རྣམ་པས་གོ་བསྡུར་མང་དག་ཅིག་གནང་མཐར་༸དཔལ་རྒྱལ་བ་མདོ་ཁམས་དགུ་པ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་འོག རྒྱུན་ལས་ཤིག་བསྐོ་འཇོག་བྱས་ཤིང་དེས་ལས་དོན་ཡོད་ཚད་ལ་དབང་སྒྱུར་དགོས་པ་ལས། མི་གཅིག་དབང་འཛིན་ནམ་མི་སྒེར་གྱིས་དབང་སྒྱུར་འོག་ལ་ཡོད་པའི་ཚོགས་སྡེ་དང་ལས་གཞི་གང་ཡིན་ཡང་ལམ་ལྷོང་ཡོང་བར་དཀའ་ཁག་ཆེ་ཞིང་།  ཚོགས་པས་སྟངས་འཛིན་དང་རྒྱབ་གནོན་ཡོད་པ་ཡིན་ན་ལས་དོན་བྱེད་ཕྱོགས་ལའང་ཁྱད་པར་ཏན་ཏན་ཡོད་པས་བཤད་གྲྭའི་ཆེས་མཐོའི་རྒྱུན་ལས་ཤིག་བསྐོ་གཞག་གིས་རྒྱུན་ལས་ཀྱི་ལས་ཡུན་ལ་དུས་ཀྱི་བཅས་མཚམས་མེད་ན་རང་བཞིན་གྱི་ལས་དོན་ཉོག་པོ་ཡོང་བས། དུས་ཡུན་དེ་ལོ་གཉིས་ལས་སྔར་སྣུར་ཕྱི་འགྱང་མེད་པར་བྱས་ན་ལེགས་ངོ་ཆེ།  ལས་ཀའི་ཡུན་ཚད་རིང་ན་ལས་ཀ་ལ་སྤྲོ་སྣང་མེད་པ་ང་ཚོའི་མཐོང་ཆོས་སུ་ཡོད་པ་ལྟར་ཡིན་སྟབས། ལས་ཀ་ལ་སྤྲོ་སྣང་མེད་ན་ལས་ཀ་སྤུས་ཚད་ལོངས་བ་ཞིག་མི་ཡོང་བའང་དོན་དངོས་ཡིན་པས་རྒྱུན་ལས་ཀྱི་ལས་ཡུན་དེ་ལོ་གཉིས་ལ་འོས་འཚམས་ཡིན་པ་དང་། ཚོགས་མིའི་གྲངས་ཚད་ལ་འཕར་ཆག་ཅི་རིགས་ཡོང་སྲིད་ནའང་གནས་སྐབས་ཙམ་ལ་ཚོགས་མི་ལྔ་གཏན་ཁེལ་དང་། རྒྱུན་ལས་ཀྱི་གྲུབ་ཆ་ཚོགས་གཙོ་དང་།  ཚོགས་གཞོན།  དྲུང་ཡིག་དང་།  དངུལ་གཉེར།  རྩིས་ཞིབ་པ་བཅས་ཀྱིས་གྲུབ་ཅིང་།  ཚོགས་གཙོ་ནི་སྤྱི་ཡོངས་ཀྱི་དབུ་ལ་ཡོད་པས་ལས་དོན་ཆུང་ཚགས་རིགས་ལ་དེ་ཙམ་འགན་འཁུར་མི་དགོས་ཤིང་།  ལས་དོན་གཞན་རྣམས་འགན་མཉམ་འཁུར་ཐོག་ཚོགས་གཙོ་གཉིས་པོས་ལམ་སྟོན་དང་མཁྱེན་རྟོགས་ཀྱི་སྒོ་ནས་རང་རང་གི་ལས་དོན་ཆད་ལུས་མེད་པ་གནང་རྒྱུ་སོགས་ཡོང་དགོས་ངེས་ཤིང་།  ད་ཐེངས་རྒྱུན་ལས་ཀྱི་ཚོགས་མི་ནི།  ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་དང་།  ཚོགས་གཞོན་མཁན་པོ་ངག་དབང་བཟང་པོ།  དྲུང་ཆེ་དང་དངུལ་གཉེར་གཅིག་ལྕོགས་སློབ་དཔོན་ཐུབ་བསྟན་དགེ་ལེགས།   ཡིག་ཚང་གི་འགན་འཛིན་དང་རྩིས་ཞིབ་པ་གཅིག་ལྕོགས་སློབ་ཐོན་པ་ལྷུན་གྲུབ་དཔལ་ལྡན། དངུལ་གཉེར་ལས་རོགས་སློབ་ཐོན་པ་རིན་ཆེན་ཕུན་ཚོགས་བཅས། རྒྱུན་ལས་ཀྱི་ཁྱབ་ཚད་ནི་ཤེས་ཡོན་དང་། སྒྲིག་གཞི། དཔལ་འབྱོར། འཛུགས་སྐྲུན་སོགས་སྤྱི་ལ་ཁྱབ་ཅིང་དེ་འབྲེལ་ཆོས་ཁྲིམས་དང་། གཉེར་པ། དགེ་རྒན། ལས་བྱེད་རྣམ་པས་རྒྱུན་ལས་ཀྱི་བཀོད་ཁྱབ་ལྟར་རང་བབ་ཀྱི་ལས་འགན་འཁུར་རྒྱུ་བཅས་གཏན་ཁེལ་བྱུང་ཞིང་། རྒྱུན་ལས་གསར་པ་དག་གིས་གནམ་ལོ་གསར་པའི་ནང་ཕྱག་ལས་གནང་ཡོད།
Show Buttons
Hide Buttons