གཙོ་ངོས། / ཡིག་ཚང་།

ཡིག་ཚང་།

བཀྲ་ཤིས་ལྗོངས་ཀྱི་བཤད་གྲྭ་འདི་ཉིད་ཐོག་མར་རྒྱལ་བ་མདོ་ཁམས་བརྒྱད་པ་མཆོག་གིས་དབུ་འཛུགས་གནང་ཞིང་སྐྱབས་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཞི་བར་མ་གཤེགས་བར་གཟིགས་རྟོག་རྒྱ་ཆེར་གནང་བ་དང་། དེའི་རྗེས་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་མཁན་པོ་བློ་གསལ་བཟང་པོས་སྔ་ཕྱིར་དཔེ་ཁྲིད་དང་གཟིགས་རྟོག་ཡུན་རིང་གནང་བ་དང་། སློབ་གཉེར་བ་རྣམ་པར་ཞལ་ལག་གི་མཐུན་རྐྱེན་ཁམས་སྒར་གྲྭ་གཉེར་ཁང་ནས་ནར་གཏོང་བྱས། ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེས་སློབ་གླིང་འདི་གསར་བཞེང་ལེགས་གྲུབ་བྱུང་ནས།

ཕྱི་ལོ་༢༠༠༣ ལོར་སློབ་གཉེར་བ་རྣམས་བཤད་གྲྭར་གནས་སྤོས་གནང་། གྲྭ་ཚང་གི་གྲྭ་རིན་ཆེན་སྙིང་པོ་གཉེར་པར་བསྐོ་གཞག་བྱས། དེ་སྐབས་གཉེར་པའི་ལས་ཁུངས་ཙམ་ལས་ཡིག་ཚང་མེད།

ཕྱི་ལོ་༢༠༠༤ ལོར་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་དང་རྒན་བྱམས་པ་ཡོན་ཏན། རྒན་ངག་དབང་བཟང་པོ་རྣམ་པ་ཕེབས་ཤིང་། སློབ་གཉེར་བའང་མང་དུ་ཕྱིན་པ་སོགས་ཀྱིས་ཡིག་ཚང་ཚད་ལྡན་ཞིག་དགོས་གལ་ཆེ་བས་ཐབས་ཤེས་གང་ཡོད་ཀྱིས་འབད་བརྩོན་བྱས་པའི་མཐར།

ཕྱི་ལོ་༢༠༠༦ ལོར་རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ། རྟོགས་རྒན་ཨ་ཆོས་རྣམ་གསུམ་གྱིས་གཙོས་འབྲེལ་ཡོད་རྣམ་པར་ལམ་སྟོན་ཞུས་ཏེ་ཡིག་ཚང་ཞིག་གསར་དུ་བཙུགས། མཁན་པོ་བློ་གསལ་བཟང་པོ་བཤད་གྲྭའི་དཔལ་འབྱོར་ཆེད་ཕྱི་ཕྱོགས་སུ་ཕེབས་པ་དང་། རྒན་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་བྱས་པ་དང་། གྲྭ་ཚང་གི་གྲྭ་རྒན་པ་ཕུན་ཚོགས་གཉེར་པར་བསྐོ་གཞག་བྱས་ཤིང་། འགྲོ་གྲོན་ཐད་ཡིག་ཚང་དང་གཉེར་པས་ཐུགས་འགན་མཉམ་བཞེས་གནང་།

ཕྱི་ལོ་༢༠༠༨ ལོར་གཞི་རིམ་སློབ་ཕྲུག་གསར་བསྡུ་བྱས་ཏེ་སློབ་ཕྲུག་རྣམ་པར་འཚོ་གོས་སོགས་ཀྱི་མཐུན་རྐྱེན་དང་ཤེས་ཡོན་སློབ་སྦྱོང་སྤྲད།

ཕྱི་ལོ་༢༠༠༩ལོར་རྒྱལ་བ་མདོ་ཁམས་པ་མཆོག་གིས་གཙོས་འབྲེལ་ཡོད་རྣམ་པར་ལམ་སྟོན་ཞུས་ཏེ་བཤད་གྲྭ་རང་ནས་སློབ་གཉེར་བ་གྲྭ་ལྷུན་གྲུབ་དཔལ་ལྡན་གཉེར་པར་བསྐོ་གཞག་བྱས་ཤིང་། མཁན་པོ་བློ་གསལ་བཟང་པོས་སྔར་བཞིན་དགེ་འདུན་པའི་ཞལ་ལག་སོགས་རྒྱུན་གྲོན་ཐབས་ཤེས་གནང་བ་དང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་མུ་མཐུད་དེ་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་ལས་འཆར་གྱི་གཙོ་འགན་ཁུར། འདི་ག་གཞིས་ལས་ཁང་གི་དབུ་འཛིན་གཞོན་པ་སྤྲུལ་སྐུ་སྤོབས་པ་རིན་པོ་ཆེ་མཆོག་གིས་གཙོས་རྒྱུན་ལས་རྣམ་པས་གཞིས་ཆགས་དང་རྒྱ་གར་གྱི་ཡུལ་མིའི་ཆེད་དུ་ཉེ་འཁོར་ཞིག་ཏུ་ཉིན་མོའི་སློབ་གྲྭ་ཞིག་གསར་དུ་བཞེངས་པ་དེ། བཤད་གྲྭར་གནང་ཐུབ་ན་དགེ་མཚན་ཆེ་སྐོར་ཞུས་པ་ལྟར་གནང་། སློབ་ཁང་དེར་ཆབ་ཁང་དང་ཁྲུས་ཁང་། ནང་ཆས་སོགས་ཀྱི་མཐུན་རྐྱེན་བཤད་གྲྭས་ཐབས་ཤེས་བྱས་ཏེ་སློབ་ཕྲུག་རྣམས་དེར་གནས་སྤོ་བྱས།

ཕྱི་ལོ་༢༠༡༠ ལོར་རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ། རྟོགས་རྒན་ཨ་ཆོས་རྣམ་པར་ལམ་སྟོན་ཞུས་ཏེ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་མིང་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས།

ཕྱི་ལོ་༢༠༡༡ ལོར་མཁན་པོ་བློ་གསལ་བཟང་པོས་མུ་མཐུད་རྒྱུན་གྲོན་ཐབས་ཤེས་གནང་། མཁན་པོ་ངག་དབང་བཟང་པོ་གུང་སེང་དང་སྟབས་བསྟུན་ཏེ་ཕྱི་ལོགས་སུ་ཕེབས་ནས་རྒྱུན་གྲོན་ཐབས་ཤེས་གནང་། སྐྱབས་རྗེ་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་མཆོག་ལ་བཤད་གྲྭའི་ཞལ་ལག་གི་མ་རྩ་གཟིགས་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། རིན་པོ་ཆེ་མཆོག་ཕྱི་ལོགས་སུ་ཕེབས་ནས་ཐབས་ཤེས་གང་དྲག་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་དང་སློབ་གླིང་གསར་བཞེང་གི་གཙོ་འགན་སྔར་བཞིན་ཁུར། ལོ་དེའི་ནང་མཁན་པོ་བློ་གསལ་བཟང་པོའི་ཐུགས་དགོངས་ལྟར་བཤད་གྲྭས་རྒྱལ་བ་མདོ་ཁམས་པ་མཆོག་ལ་དགོངས་སྐོར་འོག་མ་ལེ་ཤི་ཡར་ཆོས་ཚོགས་ཤིག་བཙུགས་ཏེ་ཆོས་ཚོགས་ཀྱི་འགན་འཁུར་མཁན་པོ་ཁོང་གིས་གནང་། ལོ་དེར་རྒྱལ་བ་མདོ་ཁམས་པ་མཆོག་དང་། སྐྱབསས་རྗེ་རྡོ་རྫོང་རིན་པོ་ཆེ། སྐྱབས་རྗེ་ཆོས་རྒྱལ་རིན་པོ་ཆེ་རྣམ་གསུམ་དབུ་བཞུགས་ཐོག་སློབ་གླིང་གསར་པའི་ས་འདུལ་གྱི་ཆོ་ག་མཛད།

ཕྱི་ལོ་༢༠༡༢ ལོར་བཤད་གྲྭའི་གྲྭ་བཀྲ་ཤིས་ཚེ་རིང་གཉེར་པར་བསྐོ་གཞག་བྱས་པ་དང་། མཁན་པོ་བློ་གསལ་བཟང་པོ་དང་།  མཁན་པོ་ངག་དབང་བཟང་པོ་རྣམ་གཉིས་ནས་སྔར་བཞིན་བཤད་གྲྭའི་ཞལ་ལག་དང་རྒྱུན་ལྡན་གྱི་འགྲོ་གྲོན་ཐབས་ཤེས་གནང་། ལོ་དེར་སྤྲུལ་སྐུ་སྤོབས་པ་རབ་འབྱམས་ཀྱང་རྒྱུན་གྲོན་ཆེད་ཕྱི་ལོགས་སུ་ཕེབས། ལོ་དེར་ཐེ་ཝན་ཁམས་སྒར་ཆོས་ཚོགས་ཀྱི་དབུ་འཛིན་བླ་མ་ཤེས་རབ་ནས་སློབ་གཉེར་བའི་སྨན་རིན་གྱི་འགྲོ་སོང་ཐབས་ཤེས་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་དང་། ལྷུན་གྲུབ་དཔལ་ལྡན་གྱིས་སློབ་གླིང་གསར་བཞེང་སོགས་ཀྱི་ཐད་ནས་ཕྱག་རོགས་གནང་།

ཕྱི་ལོ་ ༢༠༡༣ ལོར་མཁན་པོ་ངག་དབང་བཟང་པོས་ཐེ་ཝན་དུ་བཤད་གྲྭའི་ཆོས་ཚོགས་ཤིག་གསར་དུ་བཙུགས་ཏེ་ཆོས་ཚོགས་ཀྱི་ཐུགས་འགན་བཞེས་ཤིང་།  མཁན་པོ་བློ་གསལ་བཟང་པོ་དང་།  མཁན་པོ་ངག་དབང་བཟང་པོ་རྣམ་གཉིས་ཀྱིས་རྒྱུན་གྲོན་ཐབས་ཤེས་གནང་། བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་སྔར་རྒྱུན་བཞིན་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་དང་། ལྷུན་གྲུབ་དཔལ་ལྡན་གྱིས་སློབ་གླིང་གསར་བཞེང་སོགས་ཀྱི་ཐད་ནས་ཕྱག་རོགས་གནང་།

ཕྱི་ལོ་༢༠༡༤ མཁན་པོ་བློ་གསལ་བཟང་པོ་དང་།  མཁན་པོ་ངག་དབང་བཟང་པོ་རྣམ་གཉིས་ཀྱིས་རྒྱུན་གྲོན་ཐབས་ཤེས་གནང་། བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་སྔར་རྒྱུན་བཞིན་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་དང་། ལྷུན་གྲུབ་དཔལ་ལྡན་གྱིས་སློབ་གླིང་གསར་བཞེང་སོགས་ཀྱི་ཐད་ནས་ཕྱག་རོགས་གནང་།

ཕྱི་ལོ་༢༠༡༥ ལོར་བཤད་གྲྭའི་གྲྭ་ཨོ་རྒྱན་རྡོ་རྗེ་གཉེར་པ་བྱས་པ་དང་མཁན་པོ་བློ་གསལ་བཟང་པོས་སློབ་གླིང་གསར་པའི་ལྕགས་རིའི་ཆེད་དུ་དཔལ་འབྱོར་འདུ་འགོད་གནང་བ་དང་། མཁན་པོ་ངག་དབང་བཟང་པོ་དགེ་འདུན་པའི་རྒྱུན་གྲོན་ཆེད་མུ་མཐུད་ཕྱི་ཕྱོགས་སུ་ཕེབས། བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་སྔར་རྒྱུན་བཞིན་གནང་། མཁན་པོ་བསྟན་འཛིན་སྟོབས་རྒྱལ་དང་མཁན་པོ་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་ཡིག་ཚང་གི་རྒྱུན་ལས་གནང་། མཁན་པོ་བྱམས་པ་ཡོན་ཏན་དང་ལྷུན་གྲུབ་དཔལ་ལྡན་རྣམ་གཉིས་ཀྱིས་སློབ་གླིང་གསར་སྐྲུན་གྱི་ཡིག་ཆ་སོགས་ཀྱི་ཐད་ཕྱག་ལས་གནང་།

ཕྱི་ལོ་༢༠༡༦ ལོར་མཁན་པོ་བློ་གསལ་བཟང་པོས་མུ་མཐུད་ལྕགས་རིའི་ཆེད་དུ་དཔལ་འབྱོར་འདུ་འགོད་དང་། མཁན་པོ་ངག་དབང་བཟང་པོས་རྒྱུན་ལྡན་གྱི་འགྲོ་སོང་ཐབས་ཤེས་ཞུས། དེ་བཞིན་བླ་མ་ཤེས་རབ་ཀྱིས་སྨན་རིན་ཐབས་ཤེས་སྔར་བཞིན་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་ཁུར་ཞིང་། མཁན་པོ་བློ་གསལ་དང་སྤྲུལ་སྐུ་སྤོབས་པ། ཡེ་ཤེས་ཕུན་ཚོགས། སེང་གེ་རྣམ་རྒྱལ་བཅས་ནས་སློབ་གླིང་གསར་བཞེང་ཆེད་དུ་ཕྱག་རོགས་ཞུས།

ཕྱི་ལོ་༢༠༡༧ ལོར་སེང་གེ་རྣམ་རྒྱལ་གཉེར་པར་བསྐོ་གཞག་དང་། སྔར་བཞིན་མཁན་པོ་བློ་བསལ་བཟང་པོས་ལྕགས་རིའི་ཆེད་དུ་དཔལ་འབྱོར་ཐབས་ཤེས། མཁན་པོ་ངག་དབང་བཟང་པོས་རྒྱུན་གྲོན། བླ་མ་ཤེས་རབ་ནས་སྨན་གྱི་འགྲོ་སོང་ཐབས་ཤེས་གནང་མུས། ལོ་དེར་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་གུང་སེང་སྐབས་ཕྱི་ལོགས་སུ་ཕེབས་ཏེ་འབུལ་རྫས་གང་བྱུང་བཤད་གྲྭར་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་རྒྱུན་ལས་དང་སློབ་གླིང་གསར་བཞེང་སོགས་ཀྱི་ཕྱག་ལས་སྔར་བཞིན་དང་། མཁན་པོ་བློ་གསལ་བཟང་པོ་དང་སྤྲུལ་སྐུ་སྤོབས་པ་རབ་འབྱམས། ཡེ་ཤེས་ཕུན་ཚོགས། བཀྲ་ཤིས་ཚེ་རིང་བཅས་ནས་སློབ་གླིང་གསར་བཞེང་ལ་ཕྱག་རོགས་གནང་།

ཕྱི་ལོ་༢༠༡༨ ལོར་རྒན་ཚུལ་ཁྲིམས་བཟང་པོ་ཝེ་ནམ་ཀྱི་ཆོས་ཚོགས་དང་ལྷུན་གྲུབ་དཔལ་ལྡན་ཐེ་ཝན་བཤད་གྲྭའི་ཆོས་ཚོགས་སུ་བཏང་། མཁན་པོ་བློ་གསལ་བཟང་པོས་ལྕགས་རིའི་ཆེད་དུ་དཔལ་འབྱོར་ཐབས་ཤེས་གནང་། མཁན་པོ་ངག་དབང་བཟང་པོས་རྒྱུན་གྲོན་ཆེད་སྔར་བཞིན་ཞུས། ལོ་དེར་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་མཆོག་ཀོ་རི་ཡའི་ཁམས་སྒར་ཆོས་ཚོགས་སུ་ཕེབས་སྐབས་འབུལ་རྫས་གང་བྱུང་བཤད་གྲྭར་གནང་། བླ་མ་ཤེས་རབ་ཀྱིས་སྨན་རིན་གྱི་འགྲོ་སོང་སྔར་བཞིན་ཐབས་ཤེས་དང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་དང་སློབ་གླིང་གསར་བཞེང་བཅས་ཀྱི་གཙོ་འགན་ཁུར། མཁན་པོ་བློ་གསལ་དང་། སྤྲུལ་སྐུ་སྤོབས་པ། ཡེ་ཤེས་ཕུན་ཚོགས། བཀྲ་ཤིས་བཅས་ནས་ཡང་སྔར་བཞིན་སློབ་གླིང་གསར་བཞེང་ལ་ཕྱག་རོགས་གནང་བའོ། །

ཕྱི་ལོ་༢༠༡༩ ལོར་སྔར་ལོ་བཞིན་མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་དང་སློབ་གླིང་གསར་བཞེང་བཅས་ཀྱི་གཙོ་འགན་བཞེས་པ་དང་། མཁན་པོ་བློ་གསལ་དང་། སྤྲུལ་སྐུ་སྤོབས་པ། ཡེ་ཤེས་ཕུན་ཚོགས། བཀྲ་ཤིས་བཅས་ནས་ཡང་སྔར་བཞིན་སློབ་གླིང་གསར་བཞེང་ལ་ཕྱག་རོགས་ཞུས། དེ་བཞིན་མཁན་པོ་ངག་དབང་བཟང་པོས་རྒྱུན་གྲོན་ཐབས་ཤེས་སྔར་བཞིན་གནང་། མཁན་པོ་བློ་གསལ་བཟང་པོས་ལྕགས་རིའི་ཆེད་དུ་སྔར་བཞིན་གནང་། བླ་མ་ཤེས་རབ་ཀྱིས་སྨན་རིན་གྱི་འགྲོ་སོང་སྔར་བཞིན་ཐབས་ཤེས་བྱས། གཞན་ཡང་སློབ་དཔོན་ཚུལ་ཁྲིམས་བཟང་པོ་ཝེ་ནམ་ཀྱི་ཆོས་ཚོགས་དང་།  སློབ་ཐོན་པ་ལྷུན་གྲུབ་དཔལ་ལྡན་ཐེ་ཝན་བཤད་གྲྭའི་ཆོས་ཚོགས་སུ་སྔར་བཞིན་ཕེབས།

ཕྱི་ལོ་ ༢༠༢༠ ལོར་བཤད་གྲྭ་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ལྔ་བསྐོས་བཞག་བྱས་པ་ལྟར། མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་སློབ་གླིང་སྤྱིའི་གཙོ་འགན་ཁུར་ཞིང་། མཁན་པོ་ངག་དབང་བཟང་པོ་མཆོག་གིས་བཤད་གྲྭའི་དཔལ་འབྱོར་ཐབས་ཤེས་གནང་བ་དང་། སློབ་དཔོན་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་དངུལ་གཉེར་གྱིས་ཐུགས་འགན་བཞེས།ལྷུན་འགྲུབ་དཔལ་ལྡན་གྱིས་རྩིས་ཞིབ་པའི་ཕྱག་ལས་གནང་བ་དང་།  རིན་ཆེན་ཕུན་ཚོགས་ལགས་མཁན་པོ་བསྟན་འཛིན་སྟོབས་རྒྱལ་གྱི་ཕྱག་རོགས་སུ་ཀོ་རི་ཡའི་ཆོས་ཚོགས་སུ་བཞུགས།  སློབ་ཐོན་པ་བཤད་སྒྲུབ་བསྟན་འཛིན་གཉེར་པར་བསྐོས་པ་དང་། སེང་གེ་དང་བློ་གྲོས་འོད་ཟེར་རྣམ་གཉིས་ཚོང་ཁང་གི་དོ་དམ་པ་བྱས། ཡེ་ཤེས་ཕུན་ཚོགས་དང་། ཚུལ་ཁྲིམས་བཟང་པོ། བཀྲ་ཤིས་ཚེ་རིང་། ཨོ་རྒྱན་བཅས་ཀྱི་འཛུགས་བསྐྲུན་དང་འབྲེལ་བའི་ཕྱག་ལས་གནང་། མཁན་པོ་བསྟན་འཛིན་བྱམས་པ་ཐའེ་ཝན་བཤད་གྲྭའི་ཆོས་ཚོགས་སུ་བཏང་བ་དང་། ཐའེ་ཝན་ཁམས་སྒར་ཆོས་ཚོགས་ཀྱི་དབུ་འཛིན་བླ་མ་ཤེས་རབ་མཆོག་གིས་སློབ་གཉེར་བའི་སྨན་གྱི་འགྲོ་སོང་ཐབས་ཤེས་སྔར་རྒྱུན་བཞིན་གནང་ཡོད་པ་བཅས་སོ།།

ཕྱི་ལོ་ ༢༠༢༡ ལོར་སྔར་ལོ་བཞིན་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་སློབ་གླིང་སྤྱིའི་གཙོ་འགན་ཁུར་ཞིང་། མཁན་པོ་ངག་དབང་བཟང་པོ་མཆོག་གིས་བཤད་གྲྭའི་དཔལ་འབྱོར་ཐབས་ཤེས་གནང་བ་དང་།འཇིགས་མེད་བློ་གྲོས་དང་ལྷུན་འགྲུབ་དཔལ་ལྡན་གྱིས་རྩིས་ཞིབ་པའི་ཕྱག་ལས་གནང་བ་དང་།  རིན་ཆེན་ཕུན་ཚོགས་དངུལ་གཉེར་བའི་ཕྱག་ལས་དང་། སློབ་ཐོན་པ་བཤད་སྒྲུབ་བསྟན་འཛིན་གཉེར་པའི་ཕྱག་ལས་དང་། སེང་གེ་དང་བློ་གྲོས་འོད་ཟེར་རྣམ་གཉིས་ཚོང་ཁང་གི་དོ་དམ་པ་བྱས། ཡེ་ཤེས་ཕུན་ཚོགས་དང་། ཚུལ་ཁྲིམས་བཟང་པོ། བཀྲ་ཤིས་ཚེ་རིང་། ཨོ་རྒྱན་བཅས་ཀྱི་འཛུགས་བསྐྲུན་དང་འབྲེལ་བའི་ཕྱག་ལས་གནང་།  ཐའེ་ཝན་ཁམས་སྒར་ཆོས་ཚོགས་ཀྱི་དབུ་འཛིན་བླ་མ་ཤེས་རབ་མཆོག་གིས་སློབ་གཉེར་བའི་སྨན་གྱི་འགྲོ་སོང་ཐབས་ཤེས་སྔར་རྒྱུན་བཞིན་གནང་བ་བཅས་སོ།།

ཕྱི་ལོ་ ༢༠༢༢ ལོར་སྔར་བཞིན་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་སློབ་གླིང་སྤྱིའི་གཙོ་འགན་ཁུར་ཞིང་། མཁན་པོ་བློ་གསལ་བཟང་པོས་ལྕགས་རིའི་ཆེད་དུ་དཔལ་འབྱོར་ཐབས་ཤེས་གནང་། སྤྲུལ་སྐུ་སྤོབས་པ་རིན་པོ་ཆེས་བཤད་གྲྭའི་མ་རྩའི་ཆེད་དུ་ཐབས་ཤེས་གནང་། མཁན་པོ་ངག་དབང་བཟང་པོ་མཆོག་གིས་བཤད་གྲྭའི་དཔལ་འབྱོར་ཐབས་ཤེས་གནང་།མཁན་པོ་འཇིགས་མེད་བློ་གྲོས་དང་ལྷུན་འགྲུབ་དཔལ་ལྡན་གྱིས་རྩིས་ཞིབ་པའི་ཕྱག་ལས་གནང་།  རིན་ཆེན་ཕུན་ཚོགས་དངུལ་གཉེར་བའི་ཕྱག་ལས་དང་། བཤད་སྒྲུབ་བསྟན་འཛིན་གཉེར་པའི་ཕྱག་ལས་དང་། དགེ་ལེགས་ཕུན་ཚོགས་དང་བློ་གྲོས་འོད་ཟེར་རྣམ་གཉིས་ནས་བཤད་གྲྭའི་ཇ་ཁང་གསར་པའི་ཕྱག་ལས་གནང་། ཡེ་ཤེས་ཕུན་ཚོགས་དང་།  བཀྲ་ཤིས་ཚེ་རིང་ནས་འཛུགས་བསྐྲུན་དང་འབྲེལ་བའི་ཕྱག་ལས་གནང་།  ཐའེ་ཝན་ཁམས་སྒར་ཆོས་ཚོགས་ཀྱི་དབུ་འཛིན་བླ་མ་ཤེས་རབ་མཆོག་གིས་སློབ་གཉེར་བའི་སྨན་གྱི་འགྲོ་སོང་ཐབས་ཤེས་སྔར་རྒྱུན་བཞིན་གནང་བ་བཅས་སོ།།

Show Buttons
Hide Buttons