Home / འགྲོ་སོང་།

འགྲོ་སོང་།

སློབ་གླིང་འདིར་དེང་སང་མཁན་སློབ་བརྒྱ་དང་ལྔ་བཅུ་ཡས་མས་དང་། གཞི་རིམ་སློབ་གྲྭར་སློབ་ཕྲུག་དྲུག་ཅུ་ཡས་མས་བཅས་ཁྱོན་སློབ་གཉེར་བ་ཉིས་བརྒྱ་ལྷག་ཡོད་ཅིང་། སློབ་གཉེར་བ་དེ་དག་གི་ཞལ་ལག་དང། གསོལ་སྨན།སློབ་དེབ། འདུ་ཁང་དང་གྲྭ་ཤག་གི་ནང་ཆས།མཁན་དགེ་དང་ལས་བྱེད་རྣམ་པར་སྐུ་ཡོན་དང་ལས་ཕོགས།སློབ་གཉེར་བ་རྣམ་པར་སློབ་ཡོན། སློབ་ཁང་གི་ནང་ཆས་དང་སློབ་ཕྲུག་རྣམ་པའི་ཉལ་ཆས་དང་ན་བཟའ་སོགས་དང་། རླངས་འཁོར་གྱི་འགྲོ་སོང་། ཆུ་དང་གློག་རིན།ཡིག་ཚང་གི་ཁ་པར་དང་དྲྭ་བ། ཡིག་པར་སོགས་ཀྱི་འགྲོ་སོང་ལ་ཟླ་རེར་ཧི་སྒོར་འབུམ་དྲུག་ཡས་མས་འགྲོ་བཞིན་ཡོད་སྟབས། ཉིན་རེར་སློབ་གཉེར་བ་རེར་ཨ་སྒོར་གཅིག་དང་ཕྱེད་ཙམ་འགྲོ་ཡི་འདུག།

Show Buttons
Hide Buttons